ཐ་སྙད་ཀྱི་བདག་དབང་།
དཀོན་མཆོག་ཅེས་པའི་ཐ་སྙད་འདི་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བྱུང་བའི་ཐ་སྙད་ཅིག་ཡིན་པས་དེ་ཡེ་ཤུའི་སྟོན་པ་ལ་བཀོལ་ན་མི་འགྲིག རྒྱུད་བླ་མའི་སྟན་བཅོས་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར།། སོགས་ཀྱི་གཞུང་ནས་བྱུང་བའི་ཐ་སྙད་ཅིག་ཡིན་པས་ཐ་སྙད་དེའི་བདག་དབང་སངས་རྒྱས་ཆོས་ལུགས་ཁོ་ན་ལ་ཡོད།