གལ་ཏེ་ཆེས་མཐའ་མཇུག་དེ་ཡིན་པ་ཧ་གོ་ན།
གལ་ཏེ་ཆེས་མཐའ་མཇུག་དེ་ཡིན་པ་ཧ་གོ་ན། འཛུམ་མདངས་དང་ལྷན་དུ་གྱེས་ཕྱག་དེ་ཕུལ་མེད། དུས་ནམ་ཡང་་་ རེད་་་ ད་ནས་བཟུང་ང་གཏན་ནས་ཁྱེད་དང་ཁ་བྲལ་མི་འདོད། ཁ་ཆར་བུ་ཡུག་དང་སྤྲིན་པའི་བང་རིམ་ཁྲོད་ནས་ངས་ཁྱེད་ལྷག་ཏུ་དྲན། མཚན་གུང་རེ་རེར་ཐེངས་རེ་ངུས་པའི་སྒྲ་དེ་ཅི་ཙམ་ཆེ་ན་ཡང་། བདག་ལ་སེམས་གསོ་བྱེད་མཁན་སུ་ཡང་མེད། དེ་བས་ཉིན་མཚན་དབྱེར་མེད་ངང་ཁེར་རྐྱང་ཡིན་པའི་ཚོར་བ་དེ་རབ་ཏུ་ལྕི། ངས་ཁྱེད་ལ་དགོང་སེལ་ཞུ་རྒྱུ་དེ་ཧ་ཅང་གིས་འཕྱི་དྲག་ཡོད་པ་ཧ་གོ འོན་ཀྱང་ངས་འདི་ནས་དམ་བཅའ་དང་ལྷན་དུ་ཁྱེད་རང་སྒུག་ན་འདོད། ཡུལ་འདིའི་ས་ཕྱོགས་གང་སར་ཁ་བ་འབབ་ཀྱིན་འདུག གནས་ངེས་མེད་ཀྱི་བྱིའུ་ཚང་མ་བྱང་ལ་འཕུར་སོང་། འོན་ཀྱང་ནམ་ཞིག་རང་ཉིད་མ་འཆི་བར་དུ་ཁྱེད་རང་རྟག་ཏུ་སྒུག་ན་འདོད། ད་དུང་ཉིན་མཚན་དུ་ཙམ་ཁྱེད་རང་དྲན་ཏེ་གཉིད་དང་བྲལ་དགོས་པ་སུ་ཡིས་རྟོགས། ལོག་ཤོག ལོག་ཤོག སྙིང་ཉེ་ལགས་་་ངའི་བྲང་གཞུང་ན་ལོག་ཤོག ཁ་བ་ནས། 13/2/2010 དགོང་མོར།